Deep sympathy and condolences for the sorrowful situation due to a devastating natural earthquake in the snowy land of Tibet

Note: Click on ‘CC’ in the video player to load subtitles in English

༄།   འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་འབྲེལ་ཡོད་དད་ལྡན་སེར་སྐྱ་ཡོངས་ཀྱི༧སྙན་དབང་དུ།

ཀུན་གྱི་དགོངས་མངའ་ལྟར།  ཉེ་ཆར་ལྷ་ལྡན་གངས་རིའི་ལྗོངས་ཀྱི་ལ་སྟོད་དིང་རིས་གཙོས་གཞིས་རྩེ་འི་ས་ཁུལ་མང་པོར་རང་བྱུང་ས་འགུལ་གྱིས་གོད་ཆགས་ཚབ་ཆེན་ལ་བརྟེན་བགྲེས་གཞོན་བར་གསུམ་མང་དག་ཞིག་བློ་བུར་རྐྱེན་ལམ་དུ་ཤོར་བ་དང་།
དེ་བཞིན་རྨས་སྐྱོན་ཕོག་པ་ཕོན་ཆེ། གཞན་ཡང་ཁྱིམ་གཞིས་རྩ་འཐོར་སོང་བ། སྒོ་ཕྱུགས་ཤི་བ་སོགས་མདོར་ན་མི་རྒྱུ་ཟོག་གསུམ་ལ་བཟོད་དུ་མེད་པའི་གནོད་ཚབས་ཡིད་སྐྱོའི་རང་བཞིན་ལ་ཚོར་ཤུགས་དྲག་པོས་གདུང་སེམས་མཉམ་བསྐྱེད་དང་ཡིད་གསོའི་འཚམས་འདྲི་ཞུ་བཞིན་ཡོད།
འདི་ག་༧དཔལ་བཀའ་རྙིང་བཤད་སྒྲུབ་གླིང་དང་། འདི་གའི་ཁོངས་གཏོགས་བཙུན་དགོན་སྣང་སྐྱིད་མཐོང་གསལ་གླིང་།  ཨ་སུ་ར་གུ་རུའི་སྒྲུབ་གནས་པདྨ་འོད་གསལ་གླིང་བཅས་སུ་འདས་གྲོངས་སུ་གྱུར་བ་རྣམས་ལ་དམིགས་ནས་གུ་རུའི་ཐུགས་དམ་འཁོར་བ་དོང་སྤྲུགས་དང་།
ཞི་ཁྲོ་ཀུན་བཟང་ཐུགས་ཏིག  བདེ་ཆེན་ཞིང་སྒྲུབ་སོགས་ཀྱི་སྒོ་ནས་གནས་འདྲེན་དང་བསྔོ་སྨོན་ཞུ་བཞིན་དང་།
གཞན་ཡང་རང་དགོན་དུ་ལོ་ལྟར་འཆར་ཅན་གྱི་མཛད་རིམ་དང་སྐབས་འཁེལ་བས་རང་དགོན་ནས་སྒྲུབ་བླ་དང་དགེ་འདུན་རྣམས་པའི་དབུ་མཛད་དེ་ཕྱོགས་གང་ས་ནས་ཕེབས་པའིདགེ་བསྙེན་ཕོ་མོ་སྔོན་འགྲོ་གྲུབ་ནས་རྩ་གསུམ་བསྙེན་སྒྲུབ་ལས་གསུམ་ལ་བརྩོན་པའི་ཟླ་མཚམས་པ་བརྒྱ་ཕྲག་གཉིས་ལ་ཉེ་བ་དང་། སྔོན་འགྲོའི་ཟླ་མཚམས་པ་ཆིག་སྟོང་ལ་ཉེ་བ་རྣམས་ནས་ཐུན་མཚམས་སུ་་མ་ཎི་གསོག་སྒྲུབ་དང་སྨོན་ལམ་འུར་འདོན།
ཆབས་ཅིག་རང་ཁོངས་ནུབ་ཕྱོགས་ཡུ་རོབ་ཁུལ་དུ་ཡོད་པའི་སྒོམ་སྡེར་འཛམ་གླིང་གང་ས་ནས་དད་ལྡན་བརྒྱ་ཕྲག་ལྷག་ཙམ་སྔོན་འགྲོའི་ཟླ་ཆོས་ཚོགས་བཞིན་པའི་ཐུན་མཚམས་སོ་སོར་མ་ཎི་གསོག་སྒྲུབ། གཞན་ཡང་ཨ་རིའི་སོགས་སྒོམ་སྡེ་ཁག་དང་། ཆོས་ཀྱི་ཁང་སོ་སོར་དགེ་སྒྲུབ་ལ་འབུང་དགོས་པའི་བསྐུལ་མ། དེ་བཞིན་རྨས་སྐྱོན་དུ་གྱུར་བ་རྣམས་ཀྱང་མྱུར་དུ་དྲག་སྐྱེད་ཀྱིིས་ལུས་སེམས་གཉིས་ཀྱི་ངལ་དུབ་ཞི་ནས་མགྱོགས་ནས་མྱུར་དུ་རང་སོར་ཆུད་ཆེད་ཚེ་མདོ་ཚེ་གཟུངས་དང་།
སྨན་གཟུངས། གཞན་ཡང་བར་བསམ་སྒྲོལ་གསུམ་སོགས་རྐྱེན་སེམ་རིམ་གྲོ་བསྒྲུབས་དང་སྒྲུབ་མུས་ལ།  འབྲེལ་ཡོད་ཡོངས་ནས་ཀྱང་རང་རང་འཁོས་དཔགས་ཀྱིས་མཆོད་འབུལ་སྨོན་ལམ་མཚོན་རྐྱེན་སེལ་རིམ་གྲོར་གང་ལྕོགས་བརྩོན་པའི་འབོད་བསྐུལ་ཞུ་བཞིན་དང་། སླད་ནས་རྐྱེན་ངན་གོད་ཆགས་འདིའི་རིགས་མིང་གི་ལྷག་མར་གྱུར་ནས་འགྲོ་རྣམས་ཆོས་འབྱོར་རང་དབང་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་མཆོག་གསུམ་བདེན་བསྐུལ་གསོལ་འདེབས་སྙིང་དབུས་ནས་ཞུ་བཞིན་བཅས།

བལ་ཡུལ་མཆོད་རྟེན་རིན་པོ་ཆེའི་ཉེ་འདབས་དཔལ་བཀའ་རྙིང་བཤད་སྒྲུབ་གླིང་དགོན་ནས་ཆོས་ཀྱི་ཉི་མ་སྤྲུལ་མིང་པས་ ཕྱི་ལོ་༢༠༢༥ ཟླ་བ་༡  ཚེས་༩ ལ་ཕུལ།།

Dear devoted lay and ordained followers across the world,

As everyone is aware, recently there was a devastating natural earthquake in Latö, Dingri and many other areas around the Shigatse region in the snowy land of Tibet. Many people of all ages – young, middle-aged, and old- suddenly lost their lives. Additionally, many were injured, homes were completely destroyed, livestock perished – in short, there has been unbearable damage to people, property, and animals. We express our deep sympathy and condolences with profound emotion for this sorrowful situation.

Here at Pal Ka-Nying Shedrub Ling and its affiliated nunnery Nangkyid Tongsal Ling, as well as at Pema Ösal Ling, located at the sacred Guru Rinpoche practice site at Asura Cave, we are performing Guru Rinpoche’s profound practices including Korwa Dongdruk (Dredging the Depths of Samsara), Zhitro Kunzang Tuktig (Heart Essence of Samantabhadra Peaceful and Wrathful Deities practice), Dechen Zhing Drub (Practice for Rebirth in the Pure Land of Sukhavati), as well as other prayers and rituals to guide the deceased, as well as dedications and aspirations.

Furthermore, following our monastery’s annual scheduled programs, under the guidance of lamas and monks nearly two hundred retreat practitioners from many different places who have previously completed the preliminary practices are currently engaged in a one-month three roots practice retreat. There are also nearly one thousand practitioners doing a one-month preliminary practice retreat. During breaks between sessions, they are accumulating mani mantras and performing prayers.

Simultaneously, at one of our Gomde centers in Europe, nearly one hundred devoted practitioners from around the world are participating in a month-long preliminary practice retreat, and are also accumulating mani mantras during their breaks. We have also encouraged our Gomde centers and Dharma Houses in the US and all over the world to join in practicing for this purpose.

For those who were injured, we are performing practices for their swift recovery and relief from physical and mental suffering, including recitation of the Long Life Sutra, Long Life Dharani, Medicine Buddha Dharani, as well as Barchey Lamsel, Sampa Lhundrub, Tara, and other obstacle-removing rituals, which are ongoing.

We urge all concerned to engage in whatever offerings, prayers, and obstacle-removing rituals they can according to their individual means. We pray from the depths of our hearts to the Three Jewels that such disastrous calamities may become nothing but a distant memory, and that all beings may enjoy the splendor of the dharma, prosperity, freedom, and peace.

Respectfully offered on January 9, 2025
By the one named Chokyi Nyima Tulku
From Pal Ka-Nying Shedrub Ling Monastery
Near the Boudhanath Stupa in Nepal
 
 
 
 
 
 
 
 
 
 
 
‹ Back To News Back To Top